བོད་ཀྱི་རང་དབང་། སྐུ་ཞབས་ཨེ་ལི་ཡ་ཊི་ སི་པར་ལིང་རྗེས་དྲན་གཟེངས་རྟགས།/ Tibet’s Freedom: Ideas For a Strategy. A Prize in Memory of Elliot Sperling

  

བོད་ཀྱི་རང་དབང་། སྐུ་ཞབས་ཨེ་ལི་ཡ་ཊི་ སི་པར་ལིང་རྗེས་དྲན་གཟེངས་རྟགས།  

འཐབ་རྩོད་ཆེད་འཐབ་ཇུས་ལྡན་པའི་རྣམ་དཔྱོད་འགྲན་སྡུར།    

སྐུ་ཞབས་ཨེ་ལི་ཡ་ཊི་ སི་པར་ལིང་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་རང་དབང་རང་བཙན་
འཐབ་རྩོད་ཆེད་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་
རླབས་ཆེའི་མཛད་རྗེས་རྣམས་ལ་རྗེས་དྲན་དང་རྒྱུན་འཛིན་ཞུ་ཆེད། “ཨེ་ལི་ཡ་ཊི་སི་པར་ལིང་རྗེས་དྲན་གཟེངས་རྟགས་” གསལ་བསྒྲགས་ཞུ་རྒྱུ་ཡིན།
རྗེས་དྲན་གྱི་གཟེངས་རྟགས་འདི་དམ་པ་ཁོང་གི་གྲོགས་པོ་
ཅི་ཅི་ ཝི་སི་ཀོན་ཏི་དང་། (Cicci Visconti) རོ་སྦེར་ཏོ་ ཝེ་ཏ་ལི། (Roberto Vitali)
ཕིི་ཌི་རི་ཀ་ ཝན་ཏུ་རི་ (Federica Venturi) བཅས་ནས་མཐུན་འགྱུར་དང་དབུ་འཛུགས་གནང་བ་ ཞིག་རེད།གཟེངས་རྟགས་དེའི་དམིགས་ཡུལ།

༡༽ བོད་དོན་བདེན་མཐའ་གསལ་བའི་ཉིན་མོ་སླེབས་པར།
༢༽ འཆར་གཞི་དང་ལྡན་པའི་འཆར་སྣང་མཁོ་གྲུབ་ཞུ་ཆེད་ཡིན་པ་དང་།

དེ་ནི་རྩོམ་ཡིག་དང་། སྙན་ངག །གཞས་ཚིག རི་མོ་སོགས་སྒྱུ་རྩལ་གང་རུང་ནང་ཡིན་ཆོག འགྲན་སྡུར་ནང་མཉམ་བཞུགས་གནང་མཁན་ཚོས་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དེ་
གོམས་པ་མདུན་སྤོས་ཡོང་བར་ཕུགས་དང་ཕྲལ་སེལ་གང་གི་ཆ་ནས་ཀྱང་ཐབས་ཇུས་དང་བསམ་བློ་
གསར་པ་ཞིག་ཐོག་འཆར་སྣང་དགོས་པ་རེད། དེ་ཡང་། བཟང་ཤོས་བྱུང་ན་བོད་ཕྱི་ནང་གཉིས་ཀའི་
ད་ལྟའི་གནས་སྟངས་སེམས་ལ་བཅངས་པའི་ཐོག་ནས་ལག་བསྟར་བྱ་ཐུབ་རྒྱུ་ཡོད་པ་ཞིག་དགོས་ཀྱང་།
བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དབྱེ་ནས་ འཆར་གཞི་གཏིང་ན་ཡང་ཆོག། འཛུལ་ཞུགས་གནང་མཁན་
ཚོས་འཆར་གཞི་རིང་ཐུང་ལ་ལྟོས་མེད། འཆར་སྣང་དེ་དག་བོད་པའི་ཆབ་སྲིད་དང་། ཞི་བའི་འཐབ་རྩོད། སྤྱི་ཚོགས། དཔལ་འབྱོར། ཤེས་ཡོན། རིག་གཞུང་། སྒྱུ་རྩལ། འཕྲོད་བསྟེན་སོགས་གང་སྤྱིའི་གནས་
སྟངས་གོང་འཕེལ་ཡོང་བའི་ཐབས་ཇུས་ཡིན་དགོས་པ་མ་ཟད། དེ་དག་ངེས་པར་དུ་ལག་བསྟར་ཐུབ་
རྒྱུ་ཡོད་པའི་འཆར་གཞི་ཡིན་དགོས།
ང་ཚོས་བསྐོ་བཞག་ཞུས་པའི་མི་གསུམ་ལས་གྲུབ་པའི་མཁས་པའི་ཚོགས་ཆུང་ཞིག་གིས་འཆར་གཞི་དང་བརྩམས་ཆོས་དག་ལ་གཟིགས་ནས་ཨང་དང་པོ་སུ་ལ་ཐོབ་མིན་ཐག་
གཅོད་གནང་རྒྱུ་རེད་ལ། དེར་བྱ་དགའ་ཨ་རིའི་སྒོར་མོ་ ༡༥༠༠ ($1500)འབུལ་རྒྱུ་དང་། ཡང་བྱ་དགའ་ཐོབ་མཁན་དེ་རྒྱ་གར་དང་བལ་ཡུལ་དུ་བཞུགས་མཁན་ཡིན་ན་ཨ་སྒོར་གྱི་འཛའ་ཐང་ གཅིག་མཚུངས་རྒྱ་བལ་སྒོར་མོ་འབུལ་རྒྱུ་ཡིན། བྱ་དགའ་བོད་རང་བཙན་གྱི་ཉིན་མོ་སྟེ། སྤྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ཚེས་ ༡༣ ཉིན་འབུལ་རྒྱུ་ཡིན། བྱ་དགའ་འགྲེམས་སྤྲོད་ལག་ལེན་ཚང་མ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་བསྟར་རྒྱུ་ཞལ་བཞེས་གནང་བྱུང་།
འགྲན་སྡུར་དེའི་ནང་བཞུགས་པར་རྒྱལ་ཁབ་དང་། མི་རིགས། སྐད་ཡིག །རིག་གཞུང་། ཕོ་མོ་བཅས་པ་དབྱེར་མེད་ཡིན་ལ། འབྲི་རྩོམ་ཕུལ་ན། བོད་ཡིག་དང་ཨིན་ཡིག་གཉིས་གང་རུང་ནང་ཡིན་དགོས་པ་དང་། སོ་སོའི་འཆར་གཞི་རྣམས་སྤྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ཚེས་ ༣༡ གི་སྔོན་ལ་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་བཏང་དགོས།
sperling.freedom.prize@gmail.com.
བརྩམ་བྱ་འབུལ་རྒྱུའམ་དོགས་འདྲི་ཇི་ཡོད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས།
Students for a Free Tibet – India
Tenwang House Jogiwara Road,
McLeod Ganj – 176219
Mobile +917807315568
བརྩམབྱ་འདེམས་སྒྲུག་བྱུང་ཁག་དོ་བདག་ལ་བཀའ་འཁྲོལ་ཞུས་རྗེས་དྲ་ཐོག་ཏུ་འགོད་རྒྱུ་ཡིན།

 

 

Tibet’s freedom: ideas for a strategy.
A prize in memory of Elliot Sperling

 

In order to remember the political legacy of Elliot Sperling, who has dedicated his life to stand for nothing less than freedom for the Tibetan people, a prize has been allocated by his friends and colleagues Cicci Visconti, Roberto Vitali and Federica Venturi.

The aim is to solicit contributions, in any form (whether an article, a song, a poem, a work of art, etc.), that articulate concrete proposals to achieve the goal of freedom for Tibet. Participants are encouraged to formulate any idea, which is, in their view, a step forward in creating a strategy (short or long term) that goes beyond the present-day stalemate. Ideas can be conceived both with occupied Tibet and the diaspora in mind and ideally would consider the collaboration of both realities.

No matter the wide or small range of these proposals, any concept that the participants deem constructive and applicable will be considered. Participants’ proposals may involve different aspects such as ideology, politics, society, economics, education, literature, civil disobedience, forms of resistance, material culture, the arts, or anything else. The donors encourage the participants to deal with any aspect of Tibetan life which may lead to the empowerment of the Tibetan people, including, but not limited to, building a better economy, laying down stronger social foundations, improving health care and education (basic and higher), and expressing realistic proposals and progressive solutions for the occupied land.

Anyone from any walk of life, without regard to age, gender, nationality and creed can apply. Works, when in written form, should be either in Tibetan or English.

A committee of three experts appointed by the donors will examine the works submitted and select one winner.

The prize amount is US $1,500, or the equivalent in Indian Rupees if the winner lives in India or Nepal.  

Students for a Free Tibet – India has graciously consented to administer the logistics of the prize.

Works should be submitted by no later than the end of December 2017. The winner will be announced on February 13th 2018, the next celebration of Tibet’s Independence Day.

 

Submissions or enquiries should be sent to the following address:

sperling.freedom.prize@gmail.com.

If a postal address is needed please use:

Students for a Free Tibet – India

Tenwang House

Jogiwara Road,

McLeod Ganj – 176219

Mobile +917018252674

Worthy ideas will all be eventually put online after consent from the authors.

It is with a sense of gratitude that the prize donors acknowledge the crucial role exercised by the judging committee and Students for a Free Tibet – India.

Our appreciation is felt for everyone who will participate, Cicci Visconti, Roberto Vitali, Federica Venturi